Jump to content

User:རྨེའུ་དཀོན་རྒྱམ།

From Wikipedia, the free encyclopedia

རྩོམ་པ་པོ། གསར་འགོད་པ། ལས་འགུལ་བ་རྨེའུ་དཀོན་རྒྱམ་ལགས་ནི། བོད་ཨ་མདོ་རྔ་བ་རྨེའུ་རུ་མའི་དགེ་རིག་ཚང་ལ་སྐྱེས་ཤིང་། ཁོང་གི་ཕ་རྒན་དགེ་རིག་དང་ཨ་མ་དོན་ཁོ། སྲིང་མོ་མེ་ཏོག་སོགས་སྔ་ཕྱིར་ཐེངས་མང་པོར་བོད་དོན་དང་འབྲེལ་བའི་དོགས་གཞིའི་འོག་རྒྱ་གཞུང་གིས་གཅར་རྡུང་དང་བཙོན་འཇུག་བྱས་འདུག ༡༩༩༢ལོར་རྔ་བ་ཀིརྟི་དགོན་པ་ནས་ནང་ཆོས་ལ་སློབ་གཉེར་བྱས་འདུག ༡༩༩༨ལོར་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སྲིད་བྱུས་སྤེལ་སྐབས་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱས་འདུག ༢༠༠༠ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ནས། ༢༠༠༩ལོའི་བར་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས།བརྡ་སྤྲོད་དང་ཆོས་འབྱུང་། རིག་གནས་དང་ནང་དོན་རིག་པ་སོགས་ལ་སློབ་སྦྱོང་བྱས་ནས་རྒྱུགས་འབྲས་དང་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཐེངས་མང་ཐོབ་འདུག ༢༠༠༧ལོར་སྒྲོན་མེ་རྩོམ་སྒྲིག་ཁང་བཙུགས་ནས་བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་དྲུག་ཅུ་ལྷག་ཡོད་པའི་སྒྲོན་མེ་ཞེས་པའི་ཆེད་དེབ་གསུམ་ཕྱི་ནང་གང་སར་འགྲེམས་སྤེལ་དང་རྩོམ་སྒྲིག་པ་བྱས་འདུག  ༢༠༠༨ལོར་རྒྱ་གཞུང་ལ་བོད་ནང་ནས་ཞི་རྒོལ་བྱེད་སྐབས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གི་ཚོགས་མིའི་ཐོག་ནས་བོད་ནང་གི་གནས་ཚུལ་བསྡུ་ལེན་བྱས་འདུག་པ་མ་ཟད། ལྷག་པར་ཁོང་སྒེར་ངོས་ནས་ཨ་མདོ་རྔ་བར་རྒྱ་གཞུང་གིས་དམར་གསོད་བཏང་བའི་འདྲ་པར་བཞི་བཅུ་ལྷག་བླངས་ཏེ་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ཏུ་བོད་མིའི་གནས་ཚུལ་ངོ་མ་དེ་གསལ་སྟོན་བྱས་འདུག༢༠༠༩ ལོར་ཡང་ཤེས་རྟོགས་དང་ལག་ལེན་ཞེས་པའི་ཆེད་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར། ༢༠༡༠ལོར་བཀའ་བློན་ཁྲི་པ་ཞེས་པའི་ཟླ་རེར་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་གསར་འགོད་པ་བྱས་འདུག  ༢༠༡༡ལོར་རྔ་བ་ཀུན་ཕན་ཤེས་ཡོན་ཐེབས་རྩའི་འགན་འཛིན་དང་།གཞན་ཡང་། ཚོགས་མི་ཉིས་བརྒྱ་དྲུག་ཅུ་ལྷག་ཡོད་པའི་རྡ་ས་ས་གནས་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་དུ་འོས་འདེམས་བྱས་འདུག ༢༠༡༢ལོར་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཕྱི་འབྲེལ་བར་འོས་འདེམས་བྱས་འདུག ༢༠༠༢ལོ་ནས་བཟུང་ད་ལྟའི་བར་བོད་ཕྱི་ནང་གི་ཆེད་དེབ་དང་ཚགས་པར།དུས་དེབ་དང་དང་དྲ་ཚིགས་ཁག་མི་འདྲ་བ་སོགས་ཀྱི་ཐོག་དཔྱད་རྩོམ་དང་བསམ་ཚུལ། སྙན་རྩོམ་དང་བཅར་འདྲི། གསར་འགྱུར་དང་གཞས་ཚིག་སོགས་རྩོམ་ཡིག་བརྒྱ་ལྷག་སྤེལ། ༢༠༡༣ལོར་སོག་པོའི་རྒྱལ་ས་ཨོ་ལན་བྷ་ཐར་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུར་བཅར་ནས་བོད་ཀྱི་གསར་འགྱུར་ཞིབ་འཇུག་གི་གྲུབ་འབྲས་སྒྲོག་སྦྱོང་བྱས། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་ངོས་འཛིན་ཡོད་པའི་ཆབ་སྲིད་བཙོན་ཟུར་གྱི་ཁོངས་སུ་ཡོད་འདུགདབྱིན་ཇི་ཁྲིམས་དོན་རིག་པའི་འབུམ་རམས་པ་(Prof.Dr.TamaraRelis)ལགས་ཀྱིས་བོད་དོན་ཉམས་ཞིབ་བྱེད་བཞིན་པའི་ཉམས་ཞིབ་ལས་རོགས། ལྷག་པར་སྒྲོན་མེ་རྩོམ་སྒྲིག་ཁང་གི་འགན་འཛིན་དང་རིགས་གཅིག་རྐང་འཛིན་གྱིས་བོད་ཀྱི་གསར་འགྱུར་སྐོར་ལ་ཆེད་ལས་ཉམས་ཞིབ་བྱེད་བཞིན་པ་བཅས།[edit]

A Brief Biography of Kungam A young Tibetan writer and activist, Journalist Kungam, was born in Amdo Ngaba in Tibet.In 1998, his father Gerik wasarrested and imprisoned for over a month by Chinese government for allegedlydistributing pro-Tibet slogan posters. After that his father had undergonesuccessive imprisonments and tortures-over four months in 2008 for allegedlysmuggling out information about the Tibetan Peaceful Uprising in Tibet and ayear and more in 2011 for supposedly sending out information of theself-immolation of Ven. Phuntsok of Kirti Monastery. His mother Dhonkho andsister Methok were also jailed and cruelly beaten for more than two weeks. From 1992, he studied Buddhistphilosophy at Kirti Monastery in Ngaba.In 1998, he strongly protested whenChinese government was promoting the campaign of “Patriotic Education” inTibet. After coming to exile in India in2000, he joined the Kirti Institute of Higher Tibetan Studies in Dharamsala andstudied Tibetan literature, history, grammar, religious history, fields ofscience and Buddhist philosophy for nine consecutive years until 2009 andreceived many complimentary prizes from the institute for his excellentperformances in the examinations and in the easy writing competitions. In 2007, after founding Donme (Lamp)Editorial Centre, he had edited and published three Donme book seriescomprising article collection of more than sixty Tibetan writers living inexile and in Tibet, and distributed them in many places. In 2008, during the wake of ‘Tibetanpeople’s Great Peaceful Uprising’ in Tibet against the Chinese government ruleand policies, he collected information about the uprising in Tibet as a memberof the Kirti monastery’s Emergency Coordination Group. In addition, hepersonally gathered more than forty true shocking photos of the peacefulTibetan protesters being massacred by the Chinese policemen in the uprising inthe Ngaba region, which greatly helped to reveal the real situation of Tibetthrough the world’s major news channels. Again in 2009, he tookresponsibility of an editor of the book titled “The Knowledge and Action”.In 2010, he worked as the journalistand the chief editor of the monthly Tibetan newspaper called 'Kalon Tripa'(literally prime minister), which was published before the election of theincumbent Prime Minister of CTA, Dr Lobsang Sangay. In 2011, he was elected to theposition of director of Ngaba Trust for Universal Education and of vicepresident of Regional National Democratic Party of Tibet in Dharamsala, whichhas more than two hundred and sixty members. In 2012, he was elected the externalcoordinator of Regional Amdo Association in Dharamsala.From 2002 to date, he has writtenand contributed over sixty compositions of analytical articles, opinions,poems, interviews, news and lyrics to different magazines, websites andnewspapers both inside and outside Tibet. He is currently a member ofex-political prisoners of Gu Chu Sum Movement of Tibet (Ex-political prisoners’association) in Dharamsala and is also among the list of ex-political prisonersofficially recognized by the Department of Finance of CTA. Furthermore, he isthe head of the Donme (lamp) Editorial Committee, a research assistance of theEnglish Law Professor Dr. Tamara Relis’s research project on Tibet issue, andis conducting professional research on Tibetan Medias.[edit]