Jump to content

User:སག་སྟེང་།

From Wikipedia, the free encyclopedia

༄། །སག་སྟེང་ནི་འབྲུག་ཡུལ་གྱི་དྲུང་ཁག ཡང་ན། རྫོང་ཆུང་ཞིག་ཡིན། འདི་ཡི་མངའ་ཁོངས་སུ་སག་སྟེང་རྒ་འོག་དང་།  མེ་རག་རྒ་འོག་གཉིས་ཡོད། རྫོང་ཆུང་དེའི་ནང་དུ་རྫོང་དཔོན་ནམ་དྲུང་པ་དང་།  ཁྲིམས་དཔོན་དང་ཁྲིམས་ཁང་། དམག་ཁང་བདེ་སྲུང་འགག་སྡེ་སོགས་ཆ་ལགས་དང་བཅས་པ་ཡོད། གཞན་ཡང་། སྒོ་ནོར་ལས་ཁང། གློག་མེ་ལས་འཛིན་སོགས་ཡོད་དོ།།

དྲུང་པའམ་རྫོང་དཔོན་རིམ་བྱོན་ནི།

༡ བསོད་ནམས་དོན་གྲུབ།

༢ རིན་ཆེན་རྡོ་རྗེ།

༣ འཕྲིན་ལས།

༤ འཇིགས་མེད་བསྟན་འཛིན།

༥ བརྩོན་འགྲུས་རྒྱལ་མཚན།

༦ དོན་གྲུབ་ཚེ་རིང་།

༧ ཚེ་དབང་སྟོབས་རྒྱས།

༨ བསོད་ནམས་རྡོ་རྗེ།

༩ ཤེས་རབ་བཟང་པོ།

༡༠ སངས་རྒྱས་ཟླ་བ་བཅས་ཡིན།

ཁྲིམས་དཔོན་རིམ་བྱོན་ནི།

༡ ཚུལ་ཁྲིམས་བསྟན་པ།

༢ ཨོ་རྒྱན་རྡོ་རྗེ།

༣ བསྟན་འཛིན་དོན་གྲུབ།

༤ དྲུང་རྒྱལ་ཚེ་རིང་བཅས་ཡིན།། །།


སག་སྟེང་རྒ་འོག

སག་སྟེང་ཆགས་རབས་དང་། རྒ་འོག་འཛིན་སྐྱོང་། སློབ་གྲྭ། དགོན་སྡེ་ཁག བཅས་བཞི་ལས།

དང་པོ། སག་སྟེང་ཆགས་རབས་ནི། དུས་རབས་༡༣པའི་སྟོད་ཙམ་ལ། མཚོ་སྣ་གཡའ་བཟང་དཔོན་པོས་དུས་སུ། མཚོ་སྣ་ཀོམ་རློན་རོག་གི་མི་རྒྱུད་རྣམས་བླ་མ་བྱ་རས་པའམ་ཨ་མི་སྔོན་ཅུང་དང་ཨ་མ་ཇོ་མོ་གཉིས་ཀྱིས་སྣ་བོ་རྒྱགས་ནས་ལྷོ་ཕྱོགས་སུ་མཆེད་དེ། ཐོག་མར་མོན་ཡུལ་སོ་མ་སྟེང་དུ་གཞི་ཕབས་པ་ལ་ཚ་པས་དཀའ་ངལ་ལ། དེ་ནས་འབྲོག་གནས་ལུང་ཤམ་བིར་གཞི་ཆགས་ཀྱང་འགྲུལ་ལམ་གཞན་གྱི་འབྲེལ་བར་དཀའ་བས། དེ་ནས་སག་སྟེང་ལ་གཞི་ཕབས་ནས་གནས་ཏེ་ད་བར་སོང་། ཡུལ་ལུང་རིམ་པར་རྒྱས་པ་ནི། ཁྲག་ཁྲུག་ཡུལ་དང་། མང་སྡེ། མཐོ་ལོང་། བྱོན་མཁར་མུར་བི་བཅས་ཡིན།།

གཉིས་པ། སག་སྟེང་རྒ་འོག་སྐོར་ནི། སག་སྟེང་བདག་སྐྱོང་མ་བཙུག་སྔོན་ལ་ཡུལ་གྱི་གཙོ་རྒན། ཡང་ན། ཡུལ་གྱི་ཨ་པ་རྒན་པ་དག་གི་ཐག་བཅད་གནང་སྲོལ་ཡོད། རྒ་འོག་འཛིན་སྐྱོང་བཙུག་ནས་རྒ་འོག་བདག་སྐྱོང་ནས་ལས་རིམ་གནང་བ་ཡིན། རྒ་འོག་བདག་སྐྱོང་ནི། རྒ་པོ་དང་། དམངས་ཀྱི་ཨ་པ། ཚོགས་པ་ལྔ་ཡོད་པ་ནི། ༡ སག་ཡུལ་ཚོགས་པ། ༢ སྟེང་རྨང་ཚོགས། ༣ སྦོ་རངས་ཚོགས་པ། ༤ ཁྲག་ཁྲུག་ཚོགས་པ། ༥ བྱོན་མཁར་ཚོགས་པ་བཅས་སོ། འཛིན་སྐྱོང་དེ་དག་འོས་འདེམས་ལམ་ནས་ཡོང་གི་ཡོད།། །།

སག་སྟེང་དང་མེ་རག་གཉིས་ཀྱི་ཐུན་མོང་རྒ་པོ་རིམ་བྱོན་ནི།

༡ སག་སྟེང་ བློ་བཟང་།

༢ སྦོ་རངས་རྨངས་ རྡོ་རྗེ་ཚེ་རིང་།

༣ རེ་རག ངག་དབང་ཚེ་རིང་།

༤ མེ་རག ཉི་མ་རྡོ་རྗེ།

༥ སག་སྟེང་  པདྨ་གནམ་གང་།

༦ སྤུན་སག ལེགས་བསྐྱེད་ཚེ་རིང་།

༧ མེ་རག ཀོ་ཏ་རྡོ་རྗེ།

༨ མེ་རག ཕུར་བརྩགས།

རྒ་འོག་སོ་སོར་རྒྱགས་ནས་སག་སྟེང་རྒ་པོ་རིམ་བྱོན་ནི།

༡  སྦོ་རངས་རྨང་། སྐལ་བཟང་ཚེ་རིང་།

༢ སག་སྟེང་ རྡོ་རྗེ་སངས་རྒྱས/ སངས་ཀ

༣ མ་ཎི་རོང་ ལྷུན་གྲུབ།

༤ སག་ཡུལ་ བཀྲ་ཤིས་ཕུན་ཚོགས།

༥ བྱོན་མཁར་  ཕུར་པ་དབང་འདུས།

༦ མ་ཎི་རོངས་ ཚེ་དབང་ཚེ་རིང་།

༧ སག་ཡུལ  སངས་རྒྱས་རྡོ་རྗེ།

༨ མ་ཎི་རོང་ ཚེ་དབང་ཚེ་རིང་བཅས་སོ།། །།


གསུམ་པ། སློབ་གྲྭ་ནི། འབྲུག་རྒྱལ་བཞི་པ་མཆོག་ནས། ཐོག་མར་༡༩༨༣ཙམ་ལ་སྣག་ཚང་ནང་ལ་སྔོན་འགྲོ་སློབ་གྲྭ་ཚོགས་འགོ་བཙུག  དེ་ནས་རིམ་བཞིན་ད་ལྟའི་སློབ་གྲྭ་འདིར་གནས་སྤོ་གནང་བ་དང་འབྲིང་རིམ་འོག་མར་བསྒྱུར། སློབ་གྲྭ་འདི་ནས་ཐོན་པ་ཤེས་ཡོན་ཅན་མང་པོ་ད་ལྟ་རྒྱལ་ཁབ་ཕྱི་ནང་ལ་ཡོད། ཁྲག་ཁྲུག་སྔོན་འགྲོ་སློབ་གྲྭ་དང་བྱོན་མཁར་སྔོན་འགྲོའི་སློབ་གྲྭ་བཅས་ཡོད།། །།

བཞི་པ། དགོན་སྡེ་ཁག་ནི།

དང་པོ། ཡུལ་མཇུག་ལྷ་ཁང་བཀྲ་ཤིས་ཆོས་གླིང་ནི། སྔོན་དག་དུས་རབས་༡༥ པའི་ནང་ལ་བླ་མ་བསྟན་པའི་སྒྲོན་མེད་ཕྱག་བཏབ་གནང་། དེ་ནས་ཡུལ་མིས་ཉམས་གསོ་ཐེངས་མང་ཞུས།  སྤྱི་ལོ་༡༦༩༠ ཡས་མས་ལ་ ཡུལ་གྱི་བླ་མ་དང་མི་དམངས་ཀྱིས་ད་ལྟའི་ལྷ་ཁང་རྨང་གཞི་ནས་ཉམས་གསོ་གནང་བ་ཡིན། སག་སྟེང་དགེ་བཤེས་བྱམས་པ་སྙིང་རྗེ་དང་། ལྷ་སའི་དགེ་སློང་བློ་བཟང་བསོད་ནམས་སོགས་ཀྱིས་བདག་ཉར་ཞུས།།

སྐུ་ཞབས་གུ་རུ་ཐུབ་བསྟན་སྐལ་ལྡན་སྐུ་ཞི་བར་གཤེགས་ནས་སྐུ་གཞོགས་ལགས་ནས་རྡོ་རྗེ་སློབ་དཔོན་མཚན་ཐོག་ནས་སྐྱངས།།

དེ་ནས་ཆོས་དམངས་གཙོ་འཛིན་རིམ་པར་ཕེབས་པ་ནི། ༡ བླ་མ་ཐུབ་བསྟན། ༢ཆོས་པ་བློ་བཟང་། ༣དགེ་སློང་འཇམ་དཔལ་ཤེས་རབ། ༤བློ་བཟང་རྡོ་རྗེ། ༥ལེགས་བསྐྱེད་དབང་ཕྱུག ༦རྡོ་རྗེ་དབང་འདུས། ༧རིན་ཆེན་རྡོ་རྗེ། ཆེ་བ། ༨སངས་རྒྱས་རྡོ་རྗེ། ༩ཀརྨ་རིན་ཆེན། ༡༠རིན་ཆེན་རྡོ་རྗེ། ཆུང་བ། ༡༡བློ་བཟང་ཚེ་རིང་། ༡༢སངས་རྒྱས་དབང་འདུས་བཅས་ཡིན།། །།

གཉིས་པ། སྦོ་རངས་རྩེ་དགོན་ནི། གསོལ་དཔོན་ཀུན་དགས་དུས་རབས་༡༥པའི་ནང་ལ་སྦོ་རངས་རྩེ་རུ་ཕྱག་བཏབ་གནང་། དུས་རབས་༡༨པའི་ནང་ལ་བླ་མ་པདྨ་ནོར་བུས་ད་ལྟའི་གནས་འདིར་སྦོ་གནང་མཛད།།

  དགོན་འདིར་བླ་མའི་གདུང་རབས་རིམ་པར་ཕེབས་པ་ནི། ༡ བླ་མ་བཀྲིས་ཀྱི་སྲས་གུ་རུ་ཆོས་དབང།  ༣ དེའི་སྲས་དགོས་པ། ༤ དེའི་སྲས་བསྟན་པ་དར་རྒྱས། ༥ དེའི་སྲས་བླ་མ་རིན་ཆེན་ནམ་ལོང་པ།  ༦ དེའི་སྲས་བླ་མ་པད་དར། ༧ དེའི་སྲས་བླ་མ་པདྨ་ནོར་བུ། ༨ དེའི་སྲས་བླ་མ་གྱུར་མེད་ནོར་བུ། ༩ དེ་ལ་སྲས་བླ་མ་པདྨ་ཚེ་རིང།   ༡༠ དེ་ལ་སྲས་ད་ལྟ་འཚོ་བཞུགས་བླ་མ་སངས་རྒྱས་ནོར་བུ།། །།

གསུམ་པ། སྐུ་ཞབས་དགོན་པ་བསམ་གཏན་ཆོས་གླིང་ནི། དུས་རབས་༡༨ པའི་ནང་ལ། གུ་རུ་རིན་པོ་ཆེ་སྐལ་བཟང་དོན་ཡོད་བསྟན་འཛིན་གྱིས་ཕྱག་བཏབ་གནང་བ་ཡིན། དེ་ནས་གུ་རུ་རིན་པོ་ཆེ་སྐལ་བཟང་འགྱུར་མེད་རྣམ་རྒྱལ་གྱིས་རྒྱ་བསྐྱེད་གནང་བ་ཡིན།།

གུ་རུ་རིན་པོ་ཆེ་སྐུ་ཕྲེང་རིམ་པར་ཕེབས་ནི། ༡ལྷ་སྲས་རྒྱལ་པོ་ཀུན་ཏུ་ལེགས་པ། ༢འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ༣བྱ་ནག་པ་རྡོ་རྗེ་འཛིན་པ། ༤བྱ་རས་པ་ལྷ་སྲས་ཀུན་བཟང་། ༥མེ་རག་བུ་ཆུང་སྐལ་པ་བཟང་པོ། ༦བླ་མ་བསྟན་པའི་སྒྲོན་མེ། ༧མེ་རག་བླ་མ་བློ་གྲོས་རྒྱ་མཚོ། ༨ཚངས་དབྱངས་ཅུང་པོ་ཚེ་དབང་དོན་གྲུབ། ་་་་་་་་་་་་་

༩སྒྲུབ་དབང་གྲགས་པ་རྒྱལ་མཚན། ༡༠དགེ་སློང་བློ་བཟང་ཐབས་མཁས། ༡༡སྐལ་བཟང་དོན་ཡོད་བསྟན་འཛིན། ༡༢སྐལ་བཟང་འགྱུར་མེད་རྣམ་རྒྱལ། ༡༣སྐལ་བཟང་ཐུབ་བསྟན་སྐལ་ལྡན། ༡༤ད་ལྟ་འཚོ་བཞུགས་ སྐལ་བཟང་བསྟན་འཛིན་སྐལ་ལྡན།། །།

བཞི་པ། བྱོན་མཁར་སེར་དམ་དགོན་པ་ནི། ཚོང་ཚོང་རིན་པོ་ཆེ་སྐུ་ཕྲེང་གཉིས་པས་སྤྱི་ལོ་༡༩༥༨ཕྱག་བཏབ་གནང་བ་ཡིན།།

བླ་རབས་རིམ་བྱོན་ནི།

༡ ཚོང་ཚོང་སློབ་དཔོན། ༢ སྒྲོལ་མ་དངོས་གྲུབ། ༣ ཨོ་རྒྱན་བསྟན་འཛིན། ༤ པདྨ་བཀྲ་ཤིས། ༥ པདྨ་ཚེ་རིང་། ༦ ཚེ་རིང་། ༧ པདྨ་བཀྲ་ཤིས། ཐེངས་གཉིས།

ལྔ་པ། དགོན་འཛིན་གྲྭ་ཚང་། སངས་རྒྱས་རྡོ་རྗེ་རིན་པོ་ཆེ་ནས་སྤྱི་ལོ་༢༠༠༩ཕྱག་བཏབ་གནང་བ་ཡིན། སྤྱི་ལོ་༢༠༡༤་ཙམ་ལ་མི་དབང་འབྲུག་རྒྱལ་ལྔ་པས་མཐུན་རྒྱུར་གྱིས་ད་ལྟའི་དགོན་པ་འདི་བཞེངས་པ་ཡིན།།

བླ་རབས་རིམ་བྱོན་ནི།

༡ སྤྲུལ་སྐུ་ སངས་རྒྱས་རྡོ་རྗེ། ༢ རྣམ་རྒྱལ་དབང་ཕྱུག ༣ དཀར་མདོག

༤ བསོད་ནམས་ཕུན་ཚོགས་བཅས་སོ།།

དྲུག་པ། ཡིད་དགའ་ཆོས་འཛིན་ནི། སྤྱི་ལོ་༢༠༡༤ལོར་དགེ་བཤེས་ངག་དབང་དགེ་འདུན་དབུ་འཛིན་གྱིས་ཕྱག་བཏབ། དབུ་འཛིན་དང་པོ་དགེ་བཤེས་ངག་དབང་དགེ་འདུན། གཉིས་པ་དགེ་བཤེས་བློ་བཟང་ནོར་བུ་ཡིན།།

   འདིར་གཏོགས་དགེ་བའི་བཤེས་གཉེན་རྣམ་པའི་མཚན་ཐོ་ནི། ༡ སྔགས་རམས་པ་ རྒན་བསོད་ནམས་དཔལ་འབྱོར། ༢ དགེ་བཤེས་ངག་དབང་དགེ་འདུན། ༣དགེ་བཤེས་བསྟན་འཛིན་དྲི་མེད། ༤ དགེ་བཤེས་བསྟན་འཛིན་དགེ་འདུན། ༥ དགེ་སློང་ བྱམས་པ་བསྟན་དར། ༦དགེ་བཤེས་བློ་བཟང་རབ་རྒྱས། ༧དགེ་སློང་འཇམ་དཔལ་ཤེས་རབ། ༨དགེ་སློང་བྱམས་པ་སྦྱིན་པ།  ༩དགེ་བཤེས་བློ་བཟང་སྟོབས་འབྱོར། ༡༠དགེ་བཤེས་བློ་བཟང་ནོར་བུ། ༡༢ དགེ་བཤེས་བློ་བཟང་བཀྲ་ཤིས་སོགས་སོ།།  །།


མེ་རག་རྒ་འོག

མེ་རག་ཆགས་རབས། མེ་རག་རྒ་འོག་བདག་སྐྱོང་། སློབ་གྲྭ། དགོན་སྡེ་ཁག་བཅས་བཞི་ལས།

དང་པོ། མེ་རག་ཆགས་རབས་ནི། སག་སྟེང་ཡུལ་ཆགས་པའི་ཕྱིས་རྗེས། ཨ་མ་ཇོ་མོ་སོགས་ཡུལ་མི་དག་ཅིག་སྐར་མའི་ཐང་དུ་སྤོ་གནང་སྟེ་དེར་པམ་ཤིང་རྣམས་མེར་བསྲགས་ནས་ས་ཆ་རྒྱ་བསྐྱེད་ནས་ཡུལ་ཆགས་པར་མེ་རག་ཟེར། མངའ་ཁུལ་དེར་གྱེན་མགོ་དང་། འཁྱིལ་ཕུག ཤིང་དགའ་རོང་སོགས་ཡོད་རིམ་བཞིན་ཆགས།།

གཉིས་པ། རྒེ་འོག་འཛིན་སྐྱོན་ནི། སྔོན་དུས་ནི་ཡུལ་གྱི་ཨ་པ་གཙོ་རྒན་དང་བླ་མ་རྣམས་ནས་ཡུལ་མི་ལས་དོན་བཅད་ཅིང་། རྒ་འོག་བདག་སྐྱོང་བཙུག་ནས། རྒ་པོ་དང་དམངས་མི། ཚོགས་པ་བཅུ་དཔོན་སོགས་ནས་ལས་དོན་སྐྱོང་།།

མེ་རག་རྒ་འོག་ཆགས་ནས་རྒ་པོ་རིམ་བྱོན་ནི།

༡ མེ་རག་ ཕུར་བརྩགས།

༢ མེ་རག་ ངང་གོང་།

༣མེ་རག་ སྐལ་བཟང་།

༤ མེ་རག་ ངང་གོང་།

༥ མེ་རག་བྱམས་པ།

༦ གྱེན་མགོ སངས་རྒྱས་མཁའ་འགྲོ།

༧ གྱེན་མགོ ཚེ་རིང་།

༨མེ་རག་ དགེ་འདུན།

༩ མེ་རག་ བླ་མ་རིན་ཆེན།

༡༠ གྱེན་མགོ་ ཉི་མ་བཅས་སོ།།

གསུམ་པ། མེ་རག་སློབ་གྲྭ་ནི། སྔོན་འགྲོའི་སློབ་གྲྭ་ཡིན་ལ་ཐོན་པའི་རྗེས་སུ་ར་སྡེ་སློབ་གྲྭ་སོགས་འགྲོ་སྲོལ་ཡོད། སློབ་གྲྭ་དེ་ནས་ཐོན་པ་ཤེས་ཡོན་ཅན་མང་དག་ཅིག་རྒྱལ་ཁབ་ཕྱི་ནང་ལ་ཡོད།།

བཞི་པ་དགོན་སྡེ། མེ་རག་དགོན་པ་བསམ་གཏན་ཆོས་གླིང་ནི། དུས་རབས་༡༩པའི་ནང་། མེ་རག་དགེ་སློང་པདྨ་གྲགས་པས་བཀྲིས་སྒང་རྫོང་དཔོན་དོ་པ་ལགས་ཀྱིས་མཐུན་རྒྱུར་གྱིས་ཕྱག་བཏབ་གནང་།།

དགོན་པའི་བླ་རབས་རིམ་བྱོན་ནི།

༡ དགེ་སློང་གསུམ་བྷ། ༢དགེ་སློང་པདྨ་གྲགས་པ། ༣དགེ་སློང་སངས་རྒྱས་ཆོས་འཕེལ། ༤ དགེ་སློང་ཚེ་རིང་བཀྲ་ཤིས། ༥ དགེ་སློང་བཀྲ་ཤིས་དབང་འདུས། ༦ དགེ་བཤེས་འཇམ་དབྱངས། ༧ དགེ་བཤེས་འཇམ་དཔལ་ཟླ་བ། ༨དགེ་བཤེས་ངག་དབང་དོན་གྲུབ་བཅས་ཡིན།།

གྱེན་མགོ་ལྷ་ཁང་ནི་སྔོན་དག་བུ་ཆུང་སྐྱབས་པ་བཟང་པོའི་སྐབས་བྱུང་བར་མངོན་ཅིང་། ཕྱིས་སུ་བོ་དོང་ཆོས་བརྒྱུད་བྱུང་ལ་གུ་རུ་སྐལ་བཟང་དོན་བསྟན་གང་མཚམས་བཞུགས་པར་མངོན།། །།

དགེ་ཞིང་གསལ་སྒྲོན་ལས་བཏུས། ཤཱཀྱའི་དགེ་སྦྱོང་བྱམས་པ་བསྟན་འཚིན།