Jump to content

User talk:Dungkhor

Page contents not supported in other languages.
From Wikipedia, the free encyclopedia

སྒྲོམ་གླིང་དགེ་སློང་རིན་པོ་ཆེ།

སྒྲོལ་མའི་གླིང་གི་མཚམས་པ་དགེ་སློང་སྐལ་བཟང་རབ་བརྟན་ནི། འབྲུག་ཡུལ་སག་སྟེང་དུ་སྦོ་རངས་རྩེའི་ཕ་རྒྱལ་མཚན་དང་། མོག་ཏོག་འབྲོག་སྐྱ་ལང་ནས་མ་གླང་བ་བོ་ཏི་གཉིས་ཀྱི་བུར་སྐྱེས། ཆུང་བྱིས་པའི་དུས་ནས་སྒོམ་དང་མཚམས་ལ་དགའ་ཞེན་བྱས་ཏེ་ཁྱིམ་དུ་མ་བསྡད་པར་རི་བྲག་ཏུ་ཉིན་མཚན་མང་པོ་བསྡད་ཀྱི་ཡོད་ལ་རྡོ་གཏེར་ཟེར་བ་ཡང་བཏོན་གྱི་ཡོད།།

ནར་སོན་སྐབས་སུ་འབྲུག་པས་དམག་མི་དང་དམག་སྦྱོང་དུ་ཡུལ་མི་ན་གཞོན་དུ་མ་དང་ལྷན་དུ་དམག་མིར་བཙན་ཐབས་ཀྱིས་ཁྲིད་ནའང་། དམག་སྦྱོང་ནས་བྲོས་ཏེ་ལོག་སླེབས་ཏེ་རྟ་དབང་དགོན་དུ་སོང་ནས་རབ་ཏུ་འབྱུང་། དགོན་དེར་ཆོས་སྤྱོད་ཀྱི་རིམ་པ་དང་བླ་ཁག་སོགས་རིམ་པར་བསྐྱངས། སག་སྟེང་དུ་ཕེབས་ནས་སྐུ་ཞབས་གུ་རུའི་བླ་བྲང་དགོན་པ་བསམ་གཏན་ཆོས་གླིང་གཟིགས་རྟོགས་དང་དེར་ལོ་ཤས་བཞུགས། དེ་ནས་སྦོ་རངས་པད་འཁྲུ་ལོགས་ལ་མཚམས་ཁང་བཞེངས་ནས་ལོ་མང་མཚམས་དང་བསྙེན་སྒྲུབ་བཞུགས། འགྲོ་བ་རྣམས་པ་བཀའ་བསྒོ་འཇབ་འཁྲུ་དང་རྩ་སྨན་གྱི་རིལ་བུ་བཅོས་ནས་སྦྱིན་པ་སོགས་ཉམས་ཐག་དག་ལ་ཕན་པ་གནང་།།

སྐུ་ཚེ་ཕྱིས་བྷ་ག་བྱང་གི་ཉེ་འདབས་རྗེ་བཙུན་སྒྲོལ་མའི་གླིང་གི་གནས་སྒོ་ཕྱེ་པ་གནང་ནས་དབྱར་སྒྲོལ་མའི་གླིང་དང་དགུན་ཕུག་གསུམ་དུ་རྒྱུན་བཞུགས་གནང་།།

གང་ལྟར་མདོར་ན། 1984ལོར། གནས་ཆོག་རྡོ་རྗེ་གདན་དུ་༸གོང་ས་ཆེན་པོའི་སྐུ་མདུན་ནས་བསྙེན་པར་རྫོགས། རྡོ་རྗེ་འཕགས་མོའི་གནས་མཆོག་བྷ་ག་བྱང་དང་། ཕུག་གསུམ། གུ་རུའི་བླ་བྲང་། པད་བཀྲུ་བཅས་སྐུ་མཚམས་དང་། གཙོ་བོ་སྒྲོལ་མའི་སླིང་དུ་སྐུ་མཚམས་བཞུགས། དགེ་སློང་མ་དཔལ་མོའི་ལུགས་སྨྱུང་གནས་འབུམ་གྱི་སྐུ་མཚམས་བཞུགས་གནང་མཛད་བཞིན་གངས་རིའི་དབེན་གནས་འདིར་1994ལོར་དགུན་དུས་སུ་སྨྱུང་གནས་འབུམ་གྱི་མཐའ་མར་སྐུ་རྐྱང་དགོངས་པ་རྫོགས་ཏེ་དབྱར་ཟླའི་ཚེས་པ་ཤེས་རྟོགས་བྱུང་བ་བཅས་སོ།།

དབྱར་གི་ཟླ་བ་ཚེས་ཤར་དབྱར་འབྲོག་རེ་གཅིག་རེ་གཉིས་སྒྲོམ་གླིང་ཕྱོགས་སུ་འོང་བ་ལ། དགེ་སློང་འདི་ལོར་སྒྲོལ་མའི་གླིང་དུ་མ་མཇལ་བས། དགེ་སློང་བཞུགས་མི་འདུག་ཅེས་པའི་སྐད་ཆ་སག་སྟེང་དུ་གོ་ཐོས་བྱུང་ཕྲལ། གུས་པའི་ཨ་པ་དང་། ཨ་པ་ཚངས་པ། སློབ་མ་དཀར་ཅུང་སོགས་དག་གཅིག་སྒྲོམ་གླིང་དུ་ལྟ་བར་སོང་བ་ལ། ལམ་ཐག་རིང་པོ་ནས་སྒྲོལ་མའི་གླིང་དུ་དུ་བ་མཐོང་བས། སེམས་པ་དགའ་ཐག་གིས་ཁོང་རྣམས་ཀྱིས་མིའི་ཁ་ལ་ཕྱེད་བདེན་ཕྱེད་མི་བདེན། མི་མེད་ལུང་སྟོང་འདིར་དུ་བ་འདུག་པར་དགེ་སློང་མིན་ན་སུ་ཡིན་བརྗོད་ནས་དགའ་ཐག་གིས་ཡོང་བ་ལ། སྒྲོམ་མའི་གླིང་ལ་བསང་ཞིག་གཏོང་གིན་ལྟས་རྩ་ན། ས་ཐག་རིང་ས་སག་སྟེང་ཕྱོགས་ནས་མི་དག་གཅིག་ཡོང་གི་འདུག་པས་དགེ་སློང་སག་སྟེང་དུ་ཕེབས་ལོག་ཕེབས་ཀྱིན་འདུག་བསམས་བསང་གིན་མཆོད་པ་ཆེན་པོ་བྱས་ནས་འགུགས་སྡོད་པ་ལ། རེ་ཞིག་འགུགས་མཁན་དང་ཡོང་གིན་དག་དངོས་སུ་འཕྲད་པའི་ཚེ་དགེ་སློང་མིན་པར་མོན་ཡུལ་འབྲོག་སྐྱ་ལང་སོགས་ནས་དགེ་སློང་སྐུ་མདུན་བཅར་པའི་སྤུན་མཆེད་ཨེས་ཨེ་སངས་རྒྱས་སྒྲོལ་མ་སོགས་ཡིན་འདུག་པར། དགེ་སློང་མེད་པས་ལྷན་འཛོམས་གང་ཡོད་མིག་ཆུས་ཆར་དང་རྒྱ་མཚོ་འཁྱིལ།།

    གསོལ་དཔོན་དཀར་ཅུང་གིས་དགེ་སློང་གི་མཚམས་ཁང་སྦུབ་ཏུ་ཁྲིད་དེ་ལྟ་སོང་བར་མདུན་དུ་སྨྱུང་གནས་ཀྱི་དཀྱིལ་འཁོར་དང་། བཅའ་གཤོམ་སོགས་མ་ཉམས་པར་འདུག་ལ་དགེ་སློང་གི་བཞུགས་གདན་དུ་དགེ་སློང་གཤེགས་ཡོད་པ། སྐུ་རུས་དང་དབུས་ཞྭ་ནང་དུ་དབུ་ཐོད་ཀླད་ཤ་ཅུང་ཙམ་ལས་སྐུ་ཤ་ཐམས་ཅད་ཟག་སོང་བར་མཇལ།   དེ་ནས་ཐོད་རུས་དག་འཁྱེར་ནས་ཁོང་རྣམས་ཐམས་ཅད་སག་སྟེང་དུ་ཡོང་།  འདས་མཆོད་གང་རྒྱ་ཆེས་ཐོག་རུས་ཆོག་ཏུ་མ་ཎི་དགེ་སློང་དོན་གྲུབ་རྒྱལ་པོའི་སྐུ་མདུན་ཕུལ། དེའི་དགོང་མོར་སྒྲོམ་གླིང་དགེ་སློང་གི་བཀའ་སྲུང་དྲེད་པ་དངོས་སུ་སླེབས་པར་འཇིགས་སྐྲག་ཆེ་བའི་སྣང་བ་བྱུང་། འདི་བར་དུ་བཀའ་སྲུང་དྲེད་པས་དགེ་སློང་གི་སྐུའི་སྲུང་སྐྱོབས་དང་ལྷན་བཞུགས་བྱས། དགེ་སློང་འཚོ་ཞིང་བཞུགས་སྐབས་བཀའ་སྲུང་དེས་སྲུང་སྐྱོབས་རྒྱག་གི་ཡོད་པ་ནི། དགེ་སློང་སྐུ་བརྐྱང་བཞུགས་པའི་དགུན་དུས་ཐེངས་གཅིག་ཞགས་ཆད་ནས་ཞགས་ལེན་སག་སྟེང་དུ་ཕེབས་པར་ཁ་བས་ལམ་མ་ཐར་བར་དྲེད་པས་ལམ་བསལ་ཏེ་སག་སྟེང་ཕེབས་པའི་སྐོར་སོགས་མང་པོ་བཤད་རྒྱུན་ཡོད།།

ཡི་དམ་དུ་རྗེ་བཙུན་སྒྲོལ་མ་དང་འཕགས་མཆོག་སྤྱན་རས་གཟིགས། སྔོན་འགྲོའི་རིམ་པ་ཐ་དག་ལ་འབུམ་ཚར་དུ་མ་དང་དངོས་གཞི་སྐྱོང་བ་བཅས་དང་།།

དད་ལྡན་ཆོས་ཡོན་འབྲེལ་བར་མོན་ཡུལ་བྱང་དང་། མིར་བྲག མོ་ཏོག འབྲུག་ཤར་སག་སྟེང་དང་མེ་རག་སོགས་བཅས་ཡིན། དགེ་སློང་བྱམསཔ་བསྟན་འཛིན་གྱིས།། །།

སྒྲོམ་གླིང་སྤྲུལ་སྐུ།

[edit]

སྒྲོམ་གླིང་དགེ་སློང་རིན་པོ་ཆེ། སྒྲོལ་མའི་གླིང་གི་མཚམས་པ་དགེ་སློང་སྐལ་བཟང་རབ་བརྟན་ནི། འབྲུག་ཡུལ་སག་སྟེང་དུ་སྦོ་རངས་རྩེའི་ཕ་རྒྱལ་མཚན་དང་། མོག་ཏོག་འབྲོག་སྐྱ་ལང་ནས་མ་གླང་བ་བོ་ཏི་གཉིས་ཀྱི་བུར་སྐྱེས། ཆུང་བྱིས་པའི་དུས་ནས་སྒོམ་དང་མཚམས་ལ་དགའ་ཞེན་བྱས་ཏེ་ཁྱིམ་དུ་མ་བསྡད་པར་རི་བྲག་ཏུ་ཉིན་མཚན་མང་པོ་བསྡད་ཀྱི་ཡོད་ལ་རྡོ་གཏེར་ཟེར་བ་ཡང་བཏོན་གྱི་ཡོད།། ནར་སོན་སྐབས་སུ་འབྲུག་པས་དམག་མི་དང་དམག་སྦྱོང་དུ་ཡུལ་མི་ན་གཞོན་དུ་མ་དང་ལྷན་དུ་དམག་མིར་བཙན་ཐབས་ཀྱིས་ཁྲིད་ནའང་། དམག་སྦྱོང་ནས་བྲོས་ཏེ་ལོག་སླེབས་ཏེ་རྟ་དབང་དགོན་དུ་སོང་ནས་རབ་ཏུ་འབྱུང་། དགོན་དེར་ཆོས་སྤྱོད་ཀྱི་རིམ་པ་དང་བླ་ཁག་སོགས་རིམ་པར་བསྐྱངས། སག་སྟེང་དུ་ཕེབས་ནས་སྐུ་ཞབས་གུ་རུའི་བླ་བྲང་དགོན་པ་བསམ་གཏན་ཆོས་གླིང་གཟིགས་རྟོགས་དང་དེར་ལོ་ཤས་བཞུགས། དེ་ནས་སྦོ་རངས་པད་འཁྲུ་ལོགས་ལ་མཚམས་ཁང་བཞེངས་ནས་ལོ་མང་མཚམས་དང་བསྙེན་སྒྲུབ་བཞུགས། འགྲོ་བ་རྣམས་པ་བཀའ་བསྒོ་འཇབ་འཁྲུ་དང་རྩ་སྨན་གྱི་རིལ་བུ་བཅོས་ནས་སྦྱིན་པ་སོགས་ཉམས་ཐག་དག་ལ་ཕན་པ་གནང་།། སྐུ་ཚེ་ཕྱིས་བྷ་ག་བྱང་གི་ཉེ་འདབས་རྗེ་བཙུན་སྒྲོལ་མའི་གླིང་གི་གནས་སྒོ་ཕྱེ་པ་གནང་ནས་དབྱར་སྒྲོལ་མའི་གླིང་དང་དགུན་ཕུག་གསུམ་དུ་རྒྱུན་བཞུགས་གནང་།། གང་ལྟར་མདོར་ན། 1984ལོར། གནས་ཆོག་རྡོ་རྗེ་གདན་དུ་༸གོང་ས་ཆེན་པོའི་སྐུ་མདུན་ནས་བསྙེན་པར་རྫོགས། རྡོ་རྗེ་འཕགས་མོའི་གནས་མཆོག་བྷ་ག་བྱང་དང་། ཕུག་གསུམ། གུ་རུའི་བླ་བྲང་། པད་བཀྲུ་བཅས་སྐུ་མཚམས་དང་། གཙོ་བོ་སྒྲོལ་མའི་སླིང་དུ་སྐུ་མཚམས་བཞུགས། དགེ་སློང་མ་དཔལ་མོའི་ལུགས་སྨྱུང་གནས་འབུམ་གྱི་སྐུ་མཚམས་བཞུགས་གནང་མཛད་བཞིན་གངས་རིའི་དབེན་གནས་འདིར་1994ལོར་དགུན་དུས་སུ་སྨྱུང་གནས་འབུམ་གྱི་མཐའ་མར་སྐུ་རྐྱང་དགོངས་པ་རྫོགས་ཏེ་དབྱར་ཟླའི་ཚེས་པ་ཤེས་རྟོགས་བྱུང་བ་བཅས་སོ།། དབྱར་གི་ཟླ་བ་ཚེས་ཤར་དབྱར་འབྲོག་རེ་གཅིག་རེ་གཉིས་སྒྲོམ་གླིང་ཕྱོགས་སུ་འོང་བ་ལ། དགེ་སློང་འདི་ལོར་སྒྲོལ་མའི་གླིང་དུ་མ་མཇལ་བས། དགེ་སློང་བཞུགས་མི་འདུག་ཅེས་པའི་སྐད་ཆ་སག་སྟེང་དུ་གོ་ཐོས་བྱུང་ཕྲལ། གུས་པའི་ཨ་པ་དང་། ཨ་པ་ཚངས་པ། སློབ་མ་དཀར་ཅུང་སོགས་དག་གཅིག་སྒྲོམ་གླིང་དུ་ལྟ་བར་སོང་བ་ལ། ལམ་ཐག་རིང་པོ་ནས་སྒྲོལ་མའི་གླིང་དུ་དུ་བ་མཐོང་བས། སེམས་པ་དགའ་ཐག་གིས་ཁོང་རྣམས་ཀྱིས་མིའི་ཁ་ལ་ཕྱེད་བདེན་ཕྱེད་མི་བདེན། མི་མེད་ལུང་སྟོང་འདིར་དུ་བ་འདུག་པར་དགེ་སློང་མིན་ན་སུ་ཡིན་བརྗོད་ནས་དགའ་ཐག་གིས་ཡོང་བ་ལ། སྒྲོམ་མའི་གླིང་ལ་བསང་ཞིག་གཏོང་གིན་ལྟས་རྩ་ན། ས་ཐག་རིང་ས་སག་སྟེང་ཕྱོགས་ནས་མི་དག་གཅིག་ཡོང་གི་འདུག་པས་དགེ་སློང་སག་སྟེང་དུ་ཕེབས་ལོག་ཕེབས་ཀྱིན་འདུག་བསམས་བསང་གིན་མཆོད་པ་ཆེན་པོ་བྱས་ནས་འགུགས་སྡོད་པ་ལ། རེ་ཞིག་འགུགས་མཁན་དང་ཡོང་གིན་དག་དངོས་སུ་འཕྲད་པའི་ཚེ་དགེ་སློང་མིན་པར་མོན་ཡུལ་འབྲོག་སྐྱ་ལང་སོགས་ནས་དགེ་སློང་སྐུ་མདུན་བཅར་པའི་སྤུན་མཆེད་ཨེས་ཨེ་སངས་རྒྱས་སྒྲོལ་མ་སོགས་ཡིན་འདུག་པར། དགེ་སློང་མེད་པས་ལྷན་འཛོམས་གང་ཡོད་མིག་ཆུས་ཆར་དང་རྒྱ་མཚོ་འཁྱིལ།།

   གསོལ་དཔོན་དཀར་ཅུང་གིས་དགེ་སློང་གི་མཚམས་ཁང་སྦུབ་ཏུ་ཁྲིད་དེ་ལྟ་སོང་བར་མདུན་དུ་སྨྱུང་གནས་ཀྱི་དཀྱིལ་འཁོར་དང་། བཅའ་གཤོམ་སོགས་མ་ཉམས་པར་འདུག་ལ་དགེ་སློང་གི་བཞུགས་གདན་དུ་དགེ་སློང་གཤེགས་ཡོད་པ། སྐུ་རུས་དང་དབུས་ཞྭ་ནང་དུ་དབུ་ཐོད་ཀླད་ཤ་ཅུང་ཙམ་ལས་སྐུ་ཤ་ཐམས་ཅད་ཟག་སོང་བར་མཇལ།   དེ་ནས་ཐོད་རུས་དག་འཁྱེར་ནས་ཁོང་རྣམས་ཐམས་ཅད་སག་སྟེང་དུ་ཡོང་།  འདས་མཆོད་གང་རྒྱ་ཆེས་ཐོག་རུས་ཆོག་ཏུ་མ་ཎི་དགེ་སློང་དོན་གྲུབ་རྒྱལ་པོའི་སྐུ་མདུན་ཕུལ། དེའི་དགོང་མོར་སྒྲོམ་གླིང་དགེ་སློང་གི་བཀའ་སྲུང་དྲེད་པ་དངོས་སུ་སླེབས་པར་འཇིགས་སྐྲག་ཆེ་བའི་སྣང་བ་བྱུང་། འདི་བར་དུ་བཀའ་སྲུང་དྲེད་པས་དགེ་སློང་གི་སྐུའི་སྲུང་སྐྱོབས་དང་ལྷན་བཞུགས་བྱས། དགེ་སློང་འཚོ་ཞིང་བཞུགས་སྐབས་བཀའ་སྲུང་དེས་སྲུང་སྐྱོབས་རྒྱག་གི་ཡོད་པ་ནི། དགེ་སློང་སྐུ་བརྐྱང་བཞུགས་པའི་དགུན་དུས་ཐེངས་གཅིག་ཞགས་ཆད་ནས་ཞགས་ལེན་སག་སྟེང་དུ་ཕེབས་པར་ཁ་བས་ལམ་མ་ཐར་བར་དྲེད་པས་ལམ་བསལ་ཏེ་སག་སྟེང་ཕེབས་པའི་སྐོར་སོགས་མང་པོ་བཤད་རྒྱུན་ཡོད།།

སློབ་མར། དགེ་བཤེས་བློ་བཟང་ནོར་བུ། དགེ་སློང་འཇམ་དཔལ་ཤེས་རབ། ཆོས་པ་བློ་བཟང་ཚེ་རིང་སོགས་མང་པོ་ཡོད།།

ཡི་དམ་དུ་རྗེ་བཙུན་སྒྲོལ་མ་དང་འཕགས་མཆོག་སྤྱན་རས་གཟིགས། སྔོན་འགྲོའི་རིམ་པ་ཐ་དག་ལ་འབུམ་ཚར་དུ་མ་དང་དངོས་གཞི་སྐྱོང་བ་བཅས་དང་།། དད་ལྡན་ཆོས་ཡོན་འབྲེལ་བར་མོན་ཡུལ་བྱང་དང་། མིར་བྲག མོ་ཏོག འབྲུག་ཤར་སག་སྟེང་དང་མེ་རག་སོགས་བཅས་ཡིན།། ཁོང་གི་ཡང་སྤྲུལ་ཕེབས་པ་ སྒྲོམ་གླིང་རིན་པོ་ཆེ་ སྐལ་བཟང་དབང་ཕྱུག་ཡིན།། དགེ་སློང་བྱམས་པ་བསྟན་འཛིན་གྱིས།། །། Dungkhor (talk) 19:43, 28 May 2023 (UTC)[reply]

May 2023

[edit]

Information icon Hello, I'm HMSLavender. An edit that you recently made to Limaciform seemed to be a test and has been reverted. If you want to practice editing, please use your sandbox. If you think a mistake was made, or if you have any questions, you can leave me a message on my talk page. Thanks! lavender|(formerly HMSSolent)|lambast 03:16, 30 May 2023 (UTC)[reply]

སྒྲོམ་གླིང་རིན་པོ་ཆེ་ཁྲི་སྟོན།

[edit]

I have received permission to enthronement at Drati Khangtsen hall from Drati office. སག་སྟེང་། (talk) 16:28, 27 November 2023 (UTC)[reply]